Tibetisch Startseite

ཁྱེད་ཀྱི་སྐྱབས་བཅོལ་ཞུ་སྙན་དང་ལེན་མ་བྱས་པ་དང་། ཁྱེད་ལ་ཁྲིམས་ཐོག་ནས་རོགས་སྐྱོར་བྱེད་མཁན་ཡོད་དམ།

• ང་ཚོ་ནི་རང་དབང་ལྡན་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཞིག་ཡིན།
• ང་ཚོར་སྐྱབས་བཅོལ་དང་འབྲེལ་བའི་ཁྲིམས་སྒྲིག་སྐོར་ལ་ཉམས་མྱོང་དང་རྒྱུས་མངའ་ཟབ་པོ་ཡོད།
• ང་ཚོས་འབད་བརྩོན་ཆེན་པོའི་སྒོ་ནས་མི་སྒེར་ཚང་མས་སོ་སོའི་ཐོབ་ཐང་སྤྱོད་རྒྱུར་འགན་ལེན་བྱེད་ཀྱི་ཡོད།
• ང་ཚོས་ཁྱེད་རང་གི་སྐྱབས་བཅོལ་ཞུ་སྙན་ཐག་གཅོད་ལ་བསྐྱར་ཞིབ་ཡོང་ཆེད་བསམ་འཆར་ཞིག་འབུལ་གྱི་ཡིན།
• གལ་སྲིད་ཁྱེད་ཀྱི་སྐྱབས་བཅོལ་ཞུ་སྙན་གྱི་ཐག་གཅོད་ལ་བསྐྱར་ཞུ་བྱེད་འདོད་ཡོད་ན་ང་ཚོས་ཁྱེད་ལ་ཁྲིམས་ཐོག་རོགས་པ་བྱེད་མཁན་ཞིག་ངོ་སྤྲོད་ཞུ་རྒྱུ་ཡིན།
• ཁྱེད་ལ་ཁྲིམས་ཀྱི་ལམ་སྟོན་སྤྲོད་ཆེད་ང་ཚོས་གང་མགྱོགས་དུས་ཚོད་བཟོ་གི་ཡིན།
• གལ་ཏེ་དགོས་གལ་ཡོད་ཚེ་ང་ཚོས་སྐད་སྒྱུར་བ་ཞིག་ཀྱང་གྲ་སྒྲིག་བྱེད་ཆོག
• ང་ཚོའི་ཞབས་ཞུ་འདི་བཞིན་རིན་མེད་ཐོག་སྤྲོད་ཀྱི་ཡོད།

ཐུགས་གནང་དགོས་པ།
ཁྱེད་ཀྱི་སྐྱབས་བཅོལ་ཞུ་སྙན་དང་ལེན་མ་བྱས་པ་དང་། ཁྱེད་ལ་ཁྲིམས་ཐོག་ནས་རོགས་པ་བྱེད་མཁན་ཁྲིམས་རྩོད་པ་མེད་ན་གཞི་ནས་ང་ཚོས་ཁྱེད་ལ་རོགས་རམ་བྱེད་ཀྱི་ཡིན། འོན་ཀྱང་ཁྱེད་ཀྱི་སྐྱབས་བཅོལ་ཞུ་སྙན་ཐེངས་དང་པོ་དེར་ང་ཚོས་རོགས་རམ་བྱེད་ཐུབ་ཀྱི་མ་རེད།

འགེངས་ཤོག་དགོས་ཚེ་འདི་ནས་ཕབ་ལེན་བྱེད་ཐུབ།