Tibetisch Datenschutzerklärung

གནས་ཚུལ་གྱི་གསང་རྒྱའི་འགྲེལ་བརྗོད།

གནས་ཚུལ་གྱི་གསང་རྒྱའི་འགྲེལ་བརྗོད་ནང་། ཁྱེད་རང་སྒེར་གྱི་སྐོར་གནས་ཚུལ་བསྡུ་རུབ་བྱས་ཡོད་པ་རྣམས་ཇི་བྱེད་དབང་ཆའི་སྐོར་ལ་འགྲེལ་བཤད་བྱེད་ཀྱི་ཡོད། གནས་ཚུལ་གྱི་གསང་རྒྱའི་འགྲེལ་བརྗོད་ནང་གསལ་ལྟར་ཁྱེད་ཀྱིས་མོས་མཐུན་བྱས་པ་དེས། ཁྱེད་རང་སྒེར་གྱི་གནས་ཚུལ་རྣམས་ང་ཚོར་ཉར་ཚགས་དང་བེད་སྤྱོད་བྱེད་དབང་སྤྲོད་ཀྱི་ཡོད། གནས་ཚུལ་གྱི་གསང་རྒྱའི་འགྲེལ་བརྗོད་ཀྱི་ནང་ཁྱེད་རང་སྒེར་གྱི་གནས་ཚུལ་རྣམས་ང་ཚོས་ག་རེ་བྱེད་ཆོག་དང་མི་ཆོག་སྐོར་ཁ་གསལ་གཏན་འབེབས་བྱེད་ཡོད། ང་ཚོས་ཁྱེད་རང་གི་སྒེར་གྱི་གནས་ཚུལ་གྱི་གསང་དོན་ལ་བརྩི་འཇོག་ཆེན་པོ་བྱེད་ཀྱི་ཡོད། དེར་བརྟེན་ཁྱེད་རང་གིས་ཆོག་མཆན་མེད་པར་ང་ཚོས་ཁྱེད་རང་སྒེར་གྱི་གནས་ཚུལ་གྱི་ཆ་ཤས་སམ་ཡོངས་རྫོགས་གཞན་ལ་བརྒྱུད་གཏོང་བྱེད་རྒྱུ་མིན་པ་ཁས་ལེན་གཙང་མ་བྱེད་རྒྱུ་ཡིན། དེ་ཙམ་མ་ཟད་ཁྱེད་རང་སོ་སོའི་སྒེར་གྱི་གནས་ཚུལ་རྣམས་བསུབ་འདོན་ཡོང་བའི་རེ་འདུན་འདོན་རྒྱུའི་ཐོབ་ཐང་ཡང་ཡོད།

གནས་ཚུལ་གྱི་གསང་རྒྱའི་འགྲེལ་བརྗོད་སྐོར་གྱི་གནད་དོན་ཆ་ཚང་འཇར་མེན་དང་ཨིན་ཇིའི་སྐད་གཉིས་སོ་སོའི་ཐོག་ཡོད་པ་འདི་ནས་ཕབ་ལེན་བྱེད་ཆོག

གནས་ཚུལ་གྱི་གསང་རྒྱ་བྱེད་ཕྱོགས་དང་འབྲེལ་བའི་སྐོར་ལ་དྲི་བ་ཡོད་ཚེ་གློག་འཕྲིན་ཁ་བྱང་འདི་ info@pikett-asyl.ch བརྒྱུད་ནས་ང་ཚོ་འབྲེལ་བ་གནང་རོགས།